Mojim Lyrics
Mojim Lyrics > Asian male singers > 扎西尼瑪 > 母親頌歌 > 母親頌歌

扎西尼瑪



Album Intro
Lyrics
Album list
Singer Intro

扎西尼瑪

母親頌歌

Lyricist:牧羊可哥西裡
Composer:扎西尼瑪

ཉི་རྩེ་ལྷས་ལ་ཕོག་སོང་།།
བཞོ་མས་མ་ཎི་འདོན་བཞིན།།
བེའུ་ལུག་མ་བུ་འཕྲད་དུས།།
ཨོ།དྲིན་ཅན་ཨ་མ་དྲན་བྱུང་།།
ང་ཡི་སེམས་ཀྱི་ལྷ་མོར།།
གླུ་ཡི་མཆོད་པ་ཕུལ་ནས།།
སྐྱེ་བ་འདི་ཡི་རིང་ལ།།
ཨོ།སྐུ་ཚེ་བདེ་བའི་སྨོན་ལམ།།
གསོལ་བ་སྙིང་ནས་བཏབ་ཡོད།།

རི་མགོར་སྨུག་པ་འཁྲིགས་སོང་།།
ལ་ལུང་འབའ་སྒྲས་ཁེངས་བཞིན།།
མ་མོའི་ལུ་གུ་ཁྲིད་དུས།།
ཨོ།དྲིན་ཅན་ཨ་མ་དྲན་བྱུང་།།
ང་ཡི་སེམས་ཀྱི་ལྷ་མོར།།
གླུ་ཡི་མཆོད་པ་ཕུལ་ནས།།
སྐྱེ་བ་འདི་ཡི་རིང་ལ།།
ཨོ།དགའ་སྐྱིད་འཛོམ་པའི་སྨོན་ལམ།།
གསོལ་བ་སྙིང་ནས་བཏབ་ཡོད།།

ཟླ་འོད་རི་ལ་ཕོག་སོང་།།
རྫི་བོ་ཁྱིམ་ལ་འགྲོ་བཞིན།།
སྦ་སྒོ་གནམ་ལ་བཀྱགས་དུས།།
ཨོ།དྲིན་ཅན་ཨ་མ་དྲན་བྱུང་།།
ང་ཡི་སེམས་ཀྱི་ལྷ་མོར།།
གླུ་ཡི་མཆོད་པ་ཕུལ་ནས།།
སྐྱེ་བ་འདི་ཡི་རིང་ལ།།
ཨོ།དྲིན་ལན་མཇལ་བའི་སྨོན་ལམ།།
གསོལ་བ་སྙིང་ནས་བཏབ་ཡོད།།

旭日照亮牧場
牧女誦讀嘛呢
Find more lyrics at ※ Mojim.com
羔犢母子相依

想起我的阿媽
我心中的仙女
頌歌敬獻給您
但願今生今世

祝您貴體安康
衷心祈禱祝福

山頂雲霧瀰漫
山間羊群咩咩
羊羔母子嬉戲

想起我的阿媽
我心中的仙女
頌歌敬獻給您
但願今生今世

祝您幸福快樂
衷心祈禱祝福

月光撒落山上
牧童正要回家
掀開帳門時刻

想起我的阿媽
我心中的仙女
頌歌敬獻給您
但願今生今世

回報養育之恩
衷心祈禱祝福